་་  ་་

2017-10-25  本文已影响0人  Quzhala

        ཁ་རིན་པོ་ཆེ་ཁྱེད་བསམ་ནག་ཅིག་རེད།

རང་ཁ་རང་ལ་ཐོགས་ཡོད།།

སིལ་ཏོག་ནགས་ལ་ཐོགས་ཡོད །།

སྐད་ཆ་དོན་མེད་ཤོར་ན།།

རང་ཉིད་ཕོངས་བྱེད་འབའ་ཞིག །

དུས་དང་བསྟུན་ཤེས་མཆོག་ཡིན།།

མ་བསྟུན་བཤད་དབང་ཁྱོད་མེད།།

ཁ་ཆུ་འོ་མ་མིན་ནོ །།

མྱིང་མེད་ཁྱེད་ཀྱིས་ཤེས་དགོས།།

ཨ་རོ་ཞུ་ལི་མྱིང་མེད།།

བསམ་བློ་བཏང་གི་མཐའ་མ།།

རང་ཉིད་ནོར་བ་ཤེས་ན།།

རང་ཁ་རང་གིས་འཛིན་དགོ །

ཤེས་ལྡན་འཛོམ་པའི་གྲལ་དཀྱིལ།།

རིག་པའི་མྱེ་ལྕེ་འཁྱིལ་ས།།

ང་དང་མྱིང་མེད་ཁྱེད་ལ།།

དབང་བའི་གར་སྟེགས་མ་རེད།།


འཆད་རྩོད་རྩོམ་གསུམ་བྱས་ནས།།

ཡོན་ཏན་རྒྱབ་བརྟེན་ཡོད་ན།།

ཁ་ཆུ་གསེར་ཆུར་རིན་དུས།།

སྐད་ཆ་བཤད་དབང་ཁྱོད་ཡོད།།

དེ་མིན་ད་ལྟའི་དུས་འདིར།།

སྐད་ཆ་མང་པོ་མ་བཤད།།

རང་མཚང་རང་གི་སྒོ་ཕུད།།

མྱིང་མེད་རང་གི་གླེན་རྟགས།།

ཐ་མ་རང་ཁ་རིན་ཆེན།།

གཞན་སེམས་དཀྲུགས་པའི་གཏེ་བོ།།།

དགེ་སྡུག་སྟོང་གི་འབྱུང་གནས།།

ཁྱེད་ལས་རྒྱལ་བའི་སྨོན་ལམ།།
                                  མྱིང་མེད་ནས

      ༼༢༠༡༧.༡༠.༢༥ཉིན་དབྱི་གྲོང་ནས་སྦྱར།༽

གོ་བརྡ་ཨ་མའི་ཐལ་ལྕག


                                               

上一篇 下一篇

猜你喜欢

热点阅读