ཁྱོད་ཟེར་ན།
2018-01-12 本文已影响0人
danawa

ལྷིང་འཇགས་མཚན་ལམ་རིང་མོ་རྨི་ལམ་རྟ་ཕོས་མ་ཆོད།།
ཁྱོད་ཞལ་དུང་གི་ཟླ་བ་བདག་གི་སྙིང་ལ་འཆར་སོོང་།།
མཚན་རླུང་གྲང་ངུར་ཆེ་བ་བགྲོད་ལམ་དར་གྱིས་ཁེགས་པ།།
དགུན་ཙག་རྒྱ་སྟག་ངར་མ་ཕྱི་ནང་མེད་པར་མཆེད་པ།།
ཕྱོགས་བཞིས་འགྲོན་པོའི་ཚོགས་ཀྱང་ལམ་སེང་ཞག་སྡོད་ཕྱིན་པ།།
འུ་གཉིས་འཕྲད་པའི་ལམ་ལ་ད་ལོ་བཀོད་ཆགས་ཆེ་བ།།