༢༠༡༧-༠༦-༡༡

2017-06-11  本文已影响0人  囔美

བུ་མོ་དེ་འདྲ་རིག་ན་སྐད་ཅིག་ཤོག

                                                —མྱིང་མེད།

བུ་མོ་ཁ་ལས་རླུང་རྟ་དར་ནི་ཞིག །

བུ་མོ་སྤྱི་ཚོགས་འཚོ་བར་བསྟུན་ནི་ཞིག །

བུ་མོ་ཕ་མའི་དྲིན་ལན་བསམ་ནི་ཞིག །

བུ་མོ་དེ་འདྲ་རིག་ན་སྐད་ཅིག་ཤོག །

རང་རིགས་མེས་པོ་དག་ལ་དགའ་ནི་ཞིག །

རང་རིགས་སྐད་དང་ཡི་གེར་ཤེས་ནི་ཞིག །

རང་རིགས་བུ་རབས་ཚ་རྒྱུད་སྐྱོང་ནི་ཞིག །

བུ་མོ་དེ་འདྲ་རིག་ན་སྐད་ཅིག་ཤོག །

ནང་གི་བཟའ་མི་ཀུན་ལ་དུངས་ནི་ཞིག །

ནང་གི་བྱ་བ་གང་ཡིན་རྒྱུས་ནི་ཞིག །

ནང་གི་མིང་སྲིང་ཀུན་ལ་སེམས་ནི་ཞིག །

བུ་མོ་དེ་འདྲ་རིག་ན་སྐད་ཅིག་ཤོག །

ནང་བ་སངས་རྒྱས་ཆོས་ལ་དད་ནི་ཞིག །

བོད་པ་བོད་པའི་ཆ་ལུགས་ཡོད་ནི་ཞིག །

སྲོལ་རྒྱུན་བཟང་བོ་ལུས་ན་ཡོད་ནི་ཞིག །

བུ་མོ་དེ་འདྲ་རིག་ན་སྐད་ཅིག་ཤོག །

འཚོལ་བཞིན་པའི་ཁྱེད།

上一篇下一篇

猜你喜欢

热点阅读