ལས་ཀྱིས་འཛོམས་པའི་ང་ཚོ།

2018-05-13  本文已影响0人  Jason尖参

                      རེ་སྐོང་ལྷུན་གྲུབ་ནས།

ལས་ཀྱིས་འཛོམས་པའི་ང་ཚོ།

ལས་ཀྱིས་བྲལ་ཞིང་ལས་ཀྱིས་འཛོམས་པའི། །

ལས་འཕྲོ་ལྷག་པའི་སློབས་གྲོགས་ཚོགས་ཀྱི། །

ལུས་འདི་སོ་སོར་ཁ་ཐག་རིང་ཡང་། །

ནང་གི་དུངས་བ་ཉེ་སར་སླེབས་ཡོད། །


སྙིང་གི་ཟབ་སར་བརྩེ་བ་འཁྱིལ་ཞིང་། །

བརྩེ་བ་དེའང་ཕྱི་ཐག་རིང་བའི། །

ལོ་ཤས་སྔོན་གྱི་སློབ་གྲོགས་ཚོམ་བུ། །

དེ་རིང་འཛོམ་པ་རིན་ཐང་ཆེའོ། །


ལོ་ཟླ་རེ་རེ་ཕར་ལ་འདས་པའི། །

མ་འོངས་དུས་ཀྱི་ཁུག་སོའི་བར་ནས། །

ང་ཚོའི་མཐུན་པའི་ཨ་ལོང་དགུ་སྒྲིལ། །

མི་ཚེ་འདི་ལ་ལྷོད་པ་མ་གནང་། །

ལས་ཀྱིས་འཛོམས་པའི་ང་ཚོ།
上一篇下一篇

猜你喜欢

热点阅读