ལས་ཀྱི་བདག་མོ།

2020-05-21  本文已影响0人  次旦旺久

ལས་ཀྱི་བསྐལ་བའི་གསེང་ནས་བརྩེ་དུང་གི་སྙིང་གཏམ། །

དུས་ཀྱོ་གོམ་བགྲོད་དབུས་ནས་མཛུམ་མདངས་ཀྱི་བསུ་མ། །

ངལ་གྱི་མནར་བཅོད་ཁྲོད་ནས་ལག་གདང་གི་བསྐྱོར་རོགས། །

སྡུག་གི་ཡིད་སྐྱོའི་སྐབས་ནས་སེམས་བཀུར་གྱི་རམ་མདའ། །

དགའ་སྤྲོ་འཚོ་བར་ལོངས་སྤྱོད་ཐུན་མོང་གི་མི་ཚེ། །

སྐྱོ་སྡུག་མཉམ་མྱོང་འབད་པ་འཚོ་བ་ཡི་རང་མདངས། །

ཆགས་མཐུན་བྲལ་མེད་དུང་བ་བརྩེ་སེམས་ཀྱི་རེ་འབོད། །

སྡང་བྲལ་དམིགས་ཡུལ་མཐུན་པ་ལས་དབང་གི་བཀོད་སྒྲིག །

སྐྱེ་བ་མི་ལུས་བསོད་ནམས་མཐུན་རྐྱེན་གྱི་འབྲས་བུ། །

རྒ་དུས་སེམས་མཐུན་དྲན་པ་རྣམ་ཤེས་ཀྱི་རོལ་རྩེད། །

ན་ཚེ་ཕན་ཚུན་ལྟ་རྟོག་རིས་མེད་ཀྱི་དུང་སེམས། །

འཆི་ཡང་ཕྱི་མར་རེ་བཅོལ་མཉམ་གནས་ཀྱི་ཟློས་གར། །

上一篇 下一篇

猜你喜欢

热点阅读