འཕྲིན་བཟང་།
ཅང་ཤེས་གྲོང་རྡལ་གྱི་སྡེ་བ་སོ་སོའི་མཉམ་དུ་གཙོ་བསྒྲུབས་གནངས་བའི་༼ ཅང་ཤེསརྟགས་མའི་༽ རྟ་རྒྱུགས་འགྲན་ཚོགས།
རྒྱ་ཆེ་བའི་རྟ་བདག་རྣམས་པ།
རྟ་འདོ་བ་འབྲོག་གི་འཚོ་རྟེན་ཡིན།། རླུང་སྐྱི་སེར་རྟ་ཕོའི་གོམ་འགྲོས་ཡིན།། སྟག་ཤ་ར་རྟ་ཕོའི་རྫི་བོ་ཡིན།། རྟ་བང་རྩལ་རྒྱས་ན་སྐྱིད་ཅིག་ཡོད།། རྟ་མདོ་བ་དངོས་གྲུབ་ལྡེམ་པ་ཡིན།། སྒ་ལྷུ་བཞི་སྐུ་བཞི་རང་བྱོན་ཡིན།། རྒྱུག་བང་རྩལ་རླུང་དམར་འཚུབ་འདྲ་ཡིན།། རྟ་ཞོན་གི་བུ་ཁྱོ་བསོད་ནམས་ཆེ།། ཐང་ཡངས་མོ་ཐོལ་གྱིས་ཆོད་པར་ཤོག། སྟོད་ཚིག་འདི་ཡིས་སྔོན་བསུས་ཏེ་སྤྱི་ལོ༢༠༡༨ལོའི་ཧོར་ཟླ༧པའི་ཚེས ཉིན་ངེད་ཅང་ཤེས་གྲོང་རྡལ་གྱི་སྡེ་བ་སོ་སོའི་མཉམ་དུ་གཙོ་བསྒྲུབས་གནངས་བའི་༼ ཅང་ཤེས་རྟགས་མའི༽ རྟ་རྒྱུགས་འགྲན་ཚོགས་ཤིག་བསྡུ་རྒྱུ་ཡིན་པས། རེ་བའི་རྨི་ལམ་གཅིག་ཅིང་ལ་རྒྱའི་རླུང་རྟ་གཅིག་པའིཕྱོགས་སོ་སོའི་རྟ་བདག་སྤུན་ཟླ་དང་ལྟད་མོ་བ་རྣམས་པ་དུས་ལྟར་ཕེབས་པར་དགའ་བསུ་ཞུ།
འཕྲིན་བཟང་།