ལོ་གསར་བཟང་།

2017-01-27  本文已影响0人  吐蕃的男孩

གསེར་བྱའི་འབོད་སྒྲ་དང་པོ།།
ལོ་གསར་བསུ་ལ་གྲགས་བྱུང་།།
ཕར་འགྲོའི་ལོ་དེ་བདེ་མོ།།
ཚུར་ཡོང་ལོ་འདི་བཀྲ་ཤིས།།
ཁ་དྲོ་བཀྲ་ཤིས་ལོ་གླུ།།
གངས་ཅན་བོད་ལ་འབུལ་ལོ།།

བཀྲ་ཤིས་ཉི་འོད་དང་པོ།།
གངས་རིའི་ལྗོངས་ལ་ཚེས་བྱུང་།།
ལོ་ཆུང་བསམ་པའི་དོན་འགྲུབ།།
ལོ་ལོན་བསམ་དཀར་ཚེ་རིང་།།
ཁ་དྲོ་བཀྲ་ཤིས་སྐྱེས་བཟང་།།
གངས་ཅན་བོད་ལ་འབུལ་ལོ།།

上一篇下一篇

猜你喜欢

热点阅读