མི་གླེང་བ
2017-12-24 本文已影响0人
娜切布
མི་གླེང་བ
མི་གླེང་བ་ནི་མི་དགའ་བ་མིན
མི་གླེང་བ་ནི་མི་དུངས་བ་མིན
མི་གླེང་བ་ནི་ཤིན་ཏུ་ཞེན་པའི་ངང་ཚུལ་གཞན་ཞིག་ཡིན
རབ་ཏུ་འཁྲེང་བའི་མདོ་དོན་སྤྱི་བམ་པོ་དེ་འང་ཡིན
མདོར་དེད་ན་མི་གླེང་བ་ནི་གཅེས་སྤྲས་ཤིག་ཡིན
ཡང་ན་ཤོར་བར་དོགས་པའི་ཐེ་ཚོམ་ཞིག་ཡིན
མི་གླེང་བ་ནི་མཛེས་སྡུག་ཅིག་ཡིན
བར་ཐག་རིང་མི་དྲག་ཐུང་ཡང་མི་དྲག་པའི་ལྷད་མེད་ཅིག་ཡིན
ཐོབ་མི་སྲིད་ཀྱང་ཤོར་ཡང་མི་དཔེ་བའི་དྭངས་གཙང་ཤིག་ཡིན
མི་གླེང་བ་ནི་རོལ་མྱོང་ཤིག་ཡིན
ཚེ་གང་གི་ནོར་བུ་ལྟ་བུའི་རིན་པོ་ཆེ་ཤིག་ཡིན
ཡང་ན་གཏམ་རྒྱུད་ཅིག་ཡིན
ཚེ་གང་བོར་གཞན་ལ་བཤད་དགོས་པའི་གཏམ་རྒྱུད་ཅིག་ཡིན
མདོར་དེད་ན་མི་གླེང་བ་ནི་སྙན་ངག་ཅིག་ཡིན
ཚེ་གང་བོར་བྲིས་མི་ཚར་བའི་སྙན་ངག་ཅིག་ཡིན