དཔྱིད་འགོ་ཚུགས་སོང་།
2020-02-05 本文已影响0人
吾见才让
དཔྱིད་འགོ་ཚུགས་སོང་།དཔྱིད་རླུང་ལྡང་བྱུང་། གྲང་བས་གདུང་བའི་ས་གཞི་ཁྱོན་ལ་རེ་བའི་དྲོད་ཁོལ་ཚོར་བྱུང་། དཔྱིད་འགོ་ཚུགས་སོང་། དཔྱིད་རླུང་ལྡང་བྱུང་། ཡུན་རིང་གཉིད་དུ་ཡུར་བའི་རྩི་ཤིང་ཐམས་ཅད་མྱུ་གུ་འབུས་བྱུང་། དཔྱིད་འགོ་ཚུགས་སོང་། དཔྱིད་རླུང་ལྡང་བྱུང་། མུན་པས་སྒྲིབ་པའི་དཔྱིད་གསར་གྱི་ནམ་མཁའི་ཡོལ་བ་ཕྱེ་ཤོག དཔྱིད་འགོ་ཚུགས་སོང་། དཔྱིད་རླུང་ལྡང་བྱུང་། འཇིགས་ཆེའི་ནད་ཡམས་ས་མཐར་ཁྱབ་ཀྱང་། དཔྱིད་ཀྱི་དཔལ་མོའི་འཛུམ་ཞལ་ཇི་ལྟར་འགོག དཔྱིད་རླུང་འདི་དང་འགྲོགས་ནས། འཚེ་བའི་ནད་རིམས་ཕ་མཐར་བསྐྲད་དེ། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། རེ་བས་ཕྱུག་པའི་གནམ་ལོ་གསར་པ་ཞིག ང་ཚོས་ངེས་པར་བསུ་ཐུབ་ངེས་རེད། ཤུགས་རྒྱོབ། མདུན་ཕྱོགས་ན་རྒྱལ་ཁའི་གླུ་དབྱངས་ཀྱིས་ང་ཚོ་བསྒུགས་ནས་ཡོད།