འཕྲིན་གྱི་གྲོགས།སེམས་ཀྱི་མི།

2016-12-31  本文已影响0人  玛尚卟姆

ཁམས་བདེ་ལེགས།

           འཕྲིན་གྱི་གྲོགས།སེམས་ཀྱི་མི།ཁྱེད་ཀྱིས་ང་ལ་དྲི་བ་ཞིག་དྲིས་ཏེ་ངེད་གཉིས་ངོ་ཤེས་པ་ནས་ད་བར་ཡིན།ཁྱེད་རང་ཁོ་ཆད་ཀྱིན་མེད་དམ།འདིའི་ཟླ་བ་ལྔ་དྲུག་ལྷག་གི་རིང་ལ།ཁྱེད་ནི་ངའི་སྐྱིད་པའི་སེམས་ཁམས་དང་མི་སྐྱིད་པའི་སྐྱོ་སྡུག་སྣ་ཚོགས་བརྗོད་སའི་མི་དེ་ཡིན་ལ།ཁྱེད་དང་ངེད་གཉིས་བར་ན་འཛེམ་དོགས་གང་ཡང་མེད་པའི་ཁྱོ་ཤུག་ལྟར་སྙིང་གཏམ་མང་།ཁྱེད་ཀྱི་སྐད་ཆ་ནི་ངའི་ཟླ་བ་འདི་དག་གི་སེམས་སྐྱིད་རིལ་བུ་ལྟ་བུར་ཆགས་ཏེ།ང་མི་སྐྱིད་པའི་སྐབས་དེར་ཁྱེད་ཀྱིས་ང་རང་གློ་བུར་དུ་ལྷུག་ལྷུག་ངང་དགོད་དུ་བཅུག་མྱོངས་ལ།།ཁྱེད་ཀྱི་ལྡེམ་མྱུར་ལེགས་པའི་སྨྲ་ལྕེ་ལས་འཕྲོས་པ་ནི་ཅི་འདྲའི་རྒྱ་ཁྱོན་ཆེ་བའི་ལྟ་ཚུལ་ཞིག སྲོལ་རྒྱུན་ལ་སྙིགས་དོར་བཅུད་ལེན་ཞིབ་ཅིང་།དེང་རབས་ཀྱི་སྤྱོད་པའང་མངའ་བའི་མཛངས་ཡོན་གཉིས་ལྡན་ཞིག་རེད་ཨང་།མི་ཤེས་རྒྱ་ཅན་ཟེར་བ་དེ་སྔོན་ཆད་ཐ་སྙད་ཐོས་པ་ཙམ་ལས་མི་ག་འདྲ་ཞིག་ལ་ངོས་འཛིན་དགོས་པ་མི་ཤེས་ཀྱང་ད་ལྟ་ཁྱེད་རང་ཡིན་པ་ངོས་འཛིན་བྱས་ཡོད།ང་ལ་བསམ་པའི་སྒོ་གླེགས་ཀྱང་གང་མང་ཕྱེས་སོང་།ཁྱེད་རང་ངོ་ཤེས་པ་ནི་ངའི་བསོད་ནམས་ཤིག་ལ་སྒོམ་ཡོད།འཕྲིན་གྱི་གྲོགས།སེམས་ཀྱི་མི།ཧ་ཅང་སྤྲོ་བ་རྒྱས་ཡོད།

         ཁྱེད་ཀྱིས་ཕུལ་བའི་འཕྲིན་ཡིག་དག་གིས་ང་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད།ངས་ཁྱེད་ལ་ཁ་ནས་ཇི་ལྟར་ཡ་ལན་སྤྲོད་དགོས་པ་མ་ཤེས་ཀྱང་།ངའི་སེམས་ན་དགའ་སྣང་འདུག ངའི་མིག་ན་མཆི་མ་མོད། ངའི་རྩ་ལམ་ཚང་མ་ལ་ཚ་སྦྲིད་རྒྱུག་གིན་འདུག ཨ་་་སེམས་ཀྱི་མི།གཟའ་མཇུག་ལ་ངེད་གཉིས་བརྙན་ལམ་ནས་ཁ་བརྡ་བྱེད་ཐེངས་རེར།ངའི་གློག་ཀླད་ཀྱི་འཆར་ངོས་ན་གྲ་དག་ཅིང་ཁྱེད་ཀྱི་སྒམ་བརླིང་གི་ཕོ་ཚུགས་དེས།ཁྱེད་ནི་ངའི་མི་ཚེའི་སྐྱ་ཡ་རུ་རློམ་ན་ཅི་འདྲའི་དྲོད་ཁོལ་ལྡན་པ་ཞིག་རེད་ཨང་སྙམ་སྟེ་ངའི་འདོད་རྔམ་གྱི་བ་སྤུ་དལ་གྱིས་གཟེངས་ཡོང་།ཁྱེད་ཀྱིས་ང་ནི་ལྷད་མེད་ཀྱི་མེ་ཏོག་སེར་ཆེན་དང་འདྲ་ཟེར།ཁྱེད་ཀྱིས་ང་ཡི་དགོད་སྒྲ་ནི་ཅི་འདྲའི་སྙན་ལ་ཡང་ཡང་དགོད་རོགས་ཟེར།ཁྱེད་ཀྱིས་ང་ཡི་བཞིན་རས་ནི་ཅི་འདྲའི་སྙིང་ལ་རྗེ་བའི་རེག་ན་འདོད་པ་ཞིག་རེད་ཨང་ཟེར།ཁྱེད་ཀྱིས་ང་ནི་ཅི་འདྲའི་དྭངས་གཙང་ཞིག་རེད་ལ།ཁོ་ལ་མཁོ་བའི་ལྷད་མེད་ཀྱི་མེ་ཏོག་ཁོ་ནའོ་ཟེར་བྱུང་། ད་དུང་ཁྱེད་ཀྱི་རོལ་འདོད་པའི་མ་འོངས་པའི་འཚོ་བ་གླེང་བྱུང་།ངའི་འདོད་བློ་དང་ཅི་འདྲའི་བསྟུན་པ་ལ།ཨ་་་འཕྲིན་གྱི་གྲོགས།ཁྱེད་ཀྱིས་ང་རང་ཡོམ་ཡོམ་དུ་བསྒུལ་བྱུང་།ང་རང་ཁྱེད་ལ་ཆ་རྒྱུས་གང་ཡང་མེད་ཀྱང་ཁྱེད་ནི་ངས་ཆེས་ཡིད་ཆེས་ཐོབ་སའི་མི་ཞིག་རེད་ཨང་།ང་ཁྱེད་ལ་དགའ་འོ་འཕྲིན་གྱི་གྲོགས།སེམས་ཀྱི་མི།

          འཕྲིན་གྱི་གྲོགས།སེམས་ཀྱི་མི། མདང་དགོང་ཚོགས་པ་ཞིག་གི་ནང་ནས་ངའི་སྒེར་ལམ་ལ་མི་འགའ་ཐོན་འདུག སྤྱིར་ན་ང་ངོས་ལེན་བྱེད་རྒྱུར་མི་དགའ་ཡང་མདང་དགོང་སེམས་ཁམས་སྐྱིད་པོ་སྣང་བས་ཚང་མ་ངོས་ལེན་བྱས་ཏེ་ཕན་ཚུན་ལ་ངོ་སྤྲོད་རགས་ཙམ་རེ་བྱེད་རེས་བྱས་ཏེ་ཁ་བརྡ་གློད་པ་ཡིན།ནང་ནས་གྲོགས་པོ་ཞིག་ནི་ཁྱེད་དང་ཕ་ཡུལ་གཅིག་པ་ཡིན་འདུག ཕ་ཡུལ་ཨ་མདོ་རྔ་བ་ཡི་ཡིན་ལ་ད་དུང་ཁྱེད་གཉིས་ཀྱི་རུ་སྡེ་ཡང་གཅིག་པ་འདུག དེ་བས་ངས་ཁྱེད་ཀྱི་གནས་ཚུལ་རེ་འགའ་དྲིས་ཏེ་རྒྱུས་ལོན་ཙམ་བྱེད་འདོད་སྐྱེས་པས།རང་ཉིད་ཁྱེད་ཀྱི་གྲོགས་པོ་ཞིག་གི་ཚུལ་དུ་བསྡད་དེ་ཁོང་ལ་ཁྱེད་ཀྱི་གནས་ཚུལ་ཞིག་དྲིས་མཐར།འཕྲིན་གྱི་གྲོགས།སེམས་ཀྱི་མི།ཁྱེད་ནི་རུ་སྡེའི་ནང་གི་སྐྱེས་པ་ཁ་དགེ་ཅན་ཞིག་ཡིན་ཚོད་འདུག་ལ།བསམ་བློའི་གོ་རྟོགས་དང་མི་གཞིའི་ཀུན་སྤྱོད་གང་གི་ཆ་ནས་ཡང་སྡེ་མི་ཚོའི་བརྩི་བཀུར་ཐོབ་ས་ཞིག་ཡིན་རབས་བཤད།  ད་དུང་ད་ལྟ་ཁྱེད་རང་བྱིས་པ་གསུམ་གྱི་ཨ་ཕའོ།ཁྱིམ་ལ་ཆུང་མ་བསུས།སྒོ་ན་ཕྱི་བཟའ་ཡོད་པའི་ཁྱོ་གཅིག་ཤུག་མང་གི་ལམ་ལུགས་ཅན་ཞིག་གོ།

     མ་བཟང་བུ་མོས།

                                                 2016/12/31ཉིན།

上一篇下一篇

猜你喜欢

热点阅读