2019-05-24

2019-05-24  本文已影响0人  慈诚益西
2019-05-24

ཐུབ་བསྟན་དགེ་འཕེལ་གླིང་གི་གདན་ས་ན།།
དུག་གསུམ་ནད་ཀྱིས་གདུང་བའི་སྤྲང་པོ་ངའི།།
དད་གསུམ་སྙིང་གི་གུར་ཁང་དྲོན་མོ་ན།།
སྐྱབས་གསུམ་ཀུན་འདུས་བླ་མ་ཁྱེད་ལས་མེད།།
ཉིན་དང་དུས་ཚོད་འཁོར་སྐྱོད་རེ་རེ་ན།།
ཁྱེད་ཀྱི་གདམས་པས་གསོས་པའི་བུ་སློབ་ཚོས།།
དྲན་གདུང་སྙིང་གི་ན་ཟུག་གསོན་པོ་དེ།།
སུས་ཀྱང་མི་ཚོར་སེམས་ཀྱི་གསང་ན་ལྕི།།
འདྲེན་པ་དུས་ཀྱི་ཟླ་བ་ནུབ་ཤུལ་ནས།།
སེམས་ཁོང་ཆུ་ལས་འཁྱགས་པའི་དྭ་ཕྲུག་ངས།།
ཡང་དང་བསྐྱར་དུ་བཏབ་པའི་གདུང་ཡུས་འདི།།
དྲན་པའི་མིག་ཆུ་ཞིག་གི་ཚབ་ཏུ་འཇོག།
ཁྱེད་ཀྱི་ཡང་སྤྲུལ་དུང་ཟླ་དཀར་པོ་དེས།།
ཉམ་ཆུང་བདག་ལ་དགུངས་ཤིག་བླ་མ་མཁྱེན།།
འགྲོ་ཀུན་ཐུགས་རྗེས་གཟིགས་ཤིག་བླ་མ་མཁྱེན།།
ཕན་བདེ་སྤྲང་ཆར་སྩོལ་ཅིག་བླ་མ་མཁྱེན།།
གྲྭ་མིང་འཛིན་པ་དགའ་བདེ་ནས་གུས་ཕུལ།

2019-05-24
上一篇 下一篇

猜你喜欢

热点阅读