2018-04-21

2018-04-21  本文已影响0人  26d9f0e04041

       

2018-04-21

        མཁས་པའི་དམ་ཚིག

                            ཉག===ན་བུན་གྱིས

བདུད་ཀྱི་འཆི་བདག་མཐོང་བའི་འཇིགས་སྔངས་ཀྱི།།

རང་མགོ་བླུན་ཐབས་གོས་ཀྱིས་མ་གཡོགས་པར།།

གློ་བུར་སྐྱབས་ཀྱི་དམ་པོ་བཙལ་འགྲོ་བ།།

འདི་ནི་མཁས་པའི་ཐ་ཚིག་ཐོག་མ་སྟེ།།

འདོད་མང་རྒྱ་མཚོ་འཁྱིལ་བས་འཆིས་བར་ན།།

གཏན་འདུན་སྦས་ནས་དམན་གྲོགས་བློ་མང་རྗེས།།

མ་འབྲང་མ་བྲེལ་ངང་ནས་ས་ཟིན་པ།།

འདི་ནི་མཁས་པའི་ཐ་ཚིག་བར་མ་སྟེ།།

གདོད་མའི་དུག་གསུམ་རྒྱལ་པོའི་གཡུལ་ཁ་ནས།།

མགོ་བོ་སྒུར་ནས་རང་ག་མ་སྡོད་པར།།

རང་དབང་སྐུར་བའི་དེ་ཡི་གཉེན་འགྲོགས་བླངས།།

འདི་ནི་མཁས་པའི་ཐ་ཚིག་འཇུག་མ་སྟེ།།

འདི་ནི་འགྱུར་མེ་མཁས་པའི་གཡུང་དྲུང་ཚིག།

འདི་ནི་འགག་མེད་མཁས་པའི་སྐྱ་རེངས་ཡིན།།

འདི་ནི་འཁྲུལ་མེད་མཁས་པའི་སྲུང་བྱ་སྟེ།།

སྲོག་ལ་བབས་ཀྱང་མ་འཆོར་བརྩི་བར་འཚལ།།

上一篇 下一篇

猜你喜欢

热点阅读