དར་ལྕོག

2017-03-22  本文已影响0人  Axisangle
                  ---- ཟུར་མདའ།

དབྱར་དགུན་གྱི་མཚམས་ན།
ལྷུག་རླུང་གི་ཟད་པའི་ཁྱེད་རང་།
སྐྱ་རེངས་དང་ས་སྲོད་ཀྱི་དྲན་གདུང་ཡིན་ནམ།

དུས་ཚིག་གི་འགྱུར་བག་རྒོད་ཀྱང་།
བརྟན་བརླིང་གི་སྙིང་རུས་སྲ་པའི་ཁྱེད་རང་།
རི་ལུང་འདིས་གཞི་བདག་ཡིན་ནམ་གནས་བདག་ཡིན།

གྲང་ངར་གྱི་སོ་ཁ་ན།
རང་ཉིད་རླུང་ལ་སྤུར་བའི་ཁྱེད་རང་།
ནམ་ཞིག་གདུང་དར་དང་བཅས་ཏེ་ས་རུ་འགྱེལ་སྲིད།

ཁྱོད་ཀྱིས་བཟའ་སྐར་འཕྲོད་སྦྱོར་ཀྱི་ཉིན་མོ་ཞིག་ལ་
རེ་ཞིང་སྒུག་ནས་ཉིན་ཞག་ག་ཚོད་ཅིག་འདས་སོང་ནའང་།
ཕུ་ནུ་ཚོས་ཁྱོད་ལ་ལྷ་གསང་གཏོང་དགོས་པ་སྔ་མོ་ནས་བརྗེད་སོང་བ་འདྲ།

                                               2017/3/20 ཉིན།
上一篇 下一篇

猜你喜欢

热点阅读