རིགས་པའི་བསྟན་པ་ཡུན་རིང་དུ་གནས་ད

2020-10-20  本文已影响0人  SONAM0

སྔོན་ཏག་ཏག་ལ་ཉིན་གཅུའི་རིང་གི་མདོ་སྨད་འཇང་དགུན་ཆོས་ཆེན་མོ་བདེ་ལེགས་ངང་མཇུག་གྲུབ་སོང་། དགེ་འདུན་འདུས་པ་རྒྱ་མཚོས་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱོར་དང་བཅས་ཏེ། བླ་མ་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར་བཞིན་ཐེངས་འདིའི་དགུན་ཆོས་ཀྱི་མཇུག་བཀྲ་ཤིས་དང་བདེ་ལེགས་ཀྱིས་བསྡུས་སོང་། རང་ཉིད་ཀྱིས་ཀྱང་གྲལ་མཐའ་བ་ཞིག་ཚུལ་འཛིན་ཐུབ་པ་འདི་ཨེ་མ་རྨད་བྱུང་སྐལ་བ་བཟང་སྙམ་གྱི་ཡོད། རང་གི་ཚེ་རབས་ལས་ཀྱི་བསགས་པའི་བསོད་ནམས་ཤིག་ལ་སྒོམ་བཞིན་ཡོད། མ་འོངས་པར་སྔར་ལས་ཀྱང་འཇང་དགུན་ཆོས་ཀྱི་འཐུས་སྒོ་ཇེ་ཚང་དང་རྣམ་པ་ཇེ་ལེགས་སུ་སོང་སྟེ། ལུས་ཆོས་སྡེ་སྣོད་གསུམ་དང་ཡང་སྒོས་ཚད་མ་སྡེ་མདུན་མདོ་དང་བཅས་པའི་འཆད་ཉན་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡིད་བཞིན་དབང་གི་རྒྱལ་བོ་ལྟ་བུ་དེ་ཉིད་ཕྱོགས་དུས་གནས་སྐབས་ཐམས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུ་རུ་གྱུར་ཅིག

上一篇 下一篇

猜你喜欢

热点阅读