阿爸的念珠

2020-12-31  本文已影响0人  GangZan

                      ༼ དུས་ངན། ༽                                                                 

                                      ༢༠༢༠་༡༢་༣༡ཉིན།

ངའི་ཆ་མཚོན་ན།

ལོ་འདིའི་ཆེས་དུས་ངན་དང་དུས་ནག་ཞིག་ཡིན་པ་བརྗོད་ཆོག

གནམ་ཨ་སྔོན་གྱི་རེ་བ་དང་ས་དོག་མོ་ལ་རེ་འདོད་མི་ཐུབ་པར་མི་ཚེ་འདིར་སྡུག་བསྔལ་རྒྱ་མཚོ་ནང་དུ་ལྷུང་བའི་འགོ་ཚུགས།

དེ་ནས་འཚོ་བར་གྲང་ངར་གྱི་འཁྱགས་དུག་རྒྱས།

ནངས་ཇ་ཡི་དྲོ་ངར་བསིལ།  ཕ་ཁྱིམ་གྱི་སྨུག་མདངས་ཉམས།

སྙིང་རྗེ་མེད་པའི་གཤིན་རྗེ་དེས།

ཆོས་དང་བསོ་འདོད་ལ་མ་སྔངས་ནས།  དལ་གྱིས་ཁྲིད་སོང་།

ཨོཾ་མ་ཎི་པདྨེ་ཧཱོཾ། ནུབ་ཕྱོགས་བདེ་བ་ཅན་ཞིང་དུ་སྐྱེ་བ་སྨོན །

ངས་ཆིག་ལབ་བྱས་ནས་དུས་ངན་འདི་ལ་འཕྱ་དམོན་འདོད་ཅིང་།

ཁ་སང་ལོ་ཟླ་ལས་དགོད་སྒྲ་འཁྱིལ་ཡང་ངོ་མདོག་གི་མཛུམས་ལས་ཅི་ཡང་མ་ནུས།

དུས་བཞི་ཡིས་ཁོར་ཡུག་ལ་འགྱུར་མདོག་སྣ་མང་གཏད་དེ།

ཁ་སང་ཨ་སྔོན་གནམ་གྱིས་ཁ་བ་འབབ་དེ་སེམས་ཀྱི་སྡུག་པོ་མནན།

དེས་ལྷག་ཏུ་ཕ་ཁྱིམ་གྱི་དྲོད་མོ་ཡིད་ལ་འཁོར་སོང་།

འབྱུང་བ་རླུང་གིས་མཐོ་རླུང་ལྡང་སྟེ་རླུང་དུ་བསྐྱོད།

དེས་ལྷག་ཏུ་ཕ་ཁྱིམ་གྱི་སྐད་བརྡ་སྙན་མོ་དྲན།

རབ་ཏུ་མནར་བའི་ལོ་ངན་ཟླ་ངན་འདི་ལས།

ང་ཁ་འདོན་དང་ཕྱག་འཚལ་ལས་ཅི་ཡང་མ་ནུས།

ཕ་ལོ་། ཕ་ལོ། གཉིད་ལ་གཟིམས།

བུ་ཆུང་མ་ཎི་གྲངས་ནས་ཁྱེད་ཉིད་དག་པའི་ཞིང་ཁམས་ངལ་གསོ་གཉིད་ལ་སྨོན།

上一篇 下一篇

猜你喜欢

热点阅读