一份告白

2019-11-06  本文已影响0人  壹壹一一

དབྱར་ཆར་ཆུ་བྲུགས་ནས་ཡོང་ནས།།

ཐོག་སེར་བའི་འཇིགས་པ་རྒོད་དུས།།

ང་ཟེར་ནས་སེམས་ཁུར་བྱེད་ནོ།།

དྲིན་ཕ་ལོའི་འཕྲོ་ནས་ཁྱོད་ཡིན།།

དགུན་ཙག་རླུང་བཙན་པོ་ཐོན་ནས།།

ཁངས་དཀར་པོས་ས་གཞི་གཡོགས་དུས།།

ང་གྲང་ནས་དཀའ་ཡོད་བསམ་ནོ།།

ཁྱིམ་མིང་སྲིང་འཕྲོ་ནས་ཁྱོད་ཡིན།།

ལས་དཀའ་མོ་ཕྲག་ལ་བབས་ནས།།

སྡུག་ལྗི་མོ་མགོ་ལ་ཡོང་དུས།།

ང་སྙིང་རྗེའི་སེམས་ནས་གཡོར་མཁན།།

སེམས་བསམ་པའི་ཆུང་ལོ་ཁྱོད་ཡིན།།

ང་འཇིག་རྟེན་མི་ཡི་གྲལ་ནས།།

ཁ་རྩེད་དགོད་བྱས་ནི་ཡོད་རུང་།།

དོན་དམ་པའི་ཞེ་འདང་ཅན་པོ།།

ངའི་སྙིང་གི་ཆུང་ལོ་ཁྱོད་ཡིན།།

ང་སྐྱེ་གི་སྐྱེ་བ་ད་ཐེངས།།

ཚེ་གང་གི་གཏན་གྲོགས་ཁྱོད་ཡིན།།

སྲོག་དམར་པོ་བར་ཆད་མེད་ན།།

འདང་དམར་པོ་འགྱུར་བ་མི་དཔེ།།

上一篇 下一篇

猜你喜欢

热点阅读