གོམ་འགྲོས།
2019-10-13 本文已影响0人
cdd634d47c66
ཚིག་ངན་གྲིབ་སོའི་ཡོལ་བས་མི་སྒྲིབ་པ།།
གཡོ་སྒྱུ་ཝ་མོའི་བྱ་སྤྱོད་མི་བཀོལ་མཁན།།
ངན་དུག་རང་དོན་ཁོ་ནར་མི་སེམས་པ།།
སུ་དང་གང་ལ་འཁོར་བའི་གནས་འདི་ཉིད།།
གཏམ་ཞིག་བཤད་ན་མི་མགོ་འཚོ་དགོས་ལ།།
གྲོགས་ཤིག་འཕྲད་ཚེ་རྣམ་འགྱུར་བཅོས་མ་བསྟན།།
རྫུན་པའི་འབག་གིས་བདེན་པའི་གར་ཁྲབ་པ།།
སུ་དང་གང་ལ་རྒྱང་ཐག་རིང་དུ་འགྲོ ། །
གཡོ་བའི་མིག་ཟུང་མཐོན་པོའི་མི་ལ་འཁོར། །
རྔ་མ་གཟུགས་ཅན་ཡིན་ན་གཡུག་ཚགས་མེད།།
ཚིག་འཇམ་རྣམ་འགྱུར་བཟང་བའི་ཟློས་གར་འདི།།
དོན་གྱི་རང་བདེན་གཞན་སྡུག་སྦྱར་བ་དངོས།།
གོམ་འགྲོས།