ཁེར་རྐྱང་གི་ལོ་ཟླ།

2017-03-20  本文已影响0人  Axisangle
རྩོམ་པ་པོའི་འདྲ་པར།
     ཁེར་རྐྱང་གི་ལོ་ཟླ།

                          ࿐ཟུར་མདའ། | Axis angle

ཁེར་རྐྱང་དུ་ལུས་པའི་ལོ་འདིར།

འཇའ་འོད་ཀྱི་གླིང་ག་ནས་ཁེར་རྐྱང་གི་རྡོག་བྲོ་ཁྲབ།འཁྱར་འཁྱོར་གྱི་གོམ་པའི་འདེགས་འཇོག

སུ་ཚང་གི་སྒོ་ཁར་འཐེན།སྟོན་ལམ་རིང་མོ།

ཧ་ཅང་སྨག་ནག་གི་མཚན་མོ་ཞིག་ཡིན་པས།

ངས་སེམས་ཁོང་གི་ཟླ་འོད་མིག་གི་འཚོས།

དྲན་གདུང་གི་ན་ཟུག་འཁུར་བའི་ལོ་འདིར།

སྟོན་གྱི་སྡོང་ལོ་རླུང་ལ་སྐུར་མཁན་སུ་ཡིན།

སྨད་ཀྱི་མཚོ་མོ་ཁྲག་ལ་བསྒྱུར་མཁན་སུ་ཡིན།

སྡང་སེམས་ཀྱི་རླུང་རྟ་མཁའ་ལ་སྤུར་མཁན་སུ་ཡིན།

ཆ་ཡོད་ཀྱི་མི་དང་། ཆ་མེད་ཀྱི་མི་ལགས།

གྲོང་འཁྱེར་གྱི་ཁ་རླངས་ཕོག་པའི་ཉིན་འདི་འགར།

སྡུག་བསྔལ་གྱི་ལྡེབས་རིས་སྲིང་དུ་སྦྱར་ཆོག་གམ།

ཨ་གཙིགས་གི་ཞེ་སྡང་ཁོག་ཏུ་མིད་ཆོག་གམ།

ཡིད་ཀྱི་གཙང་བོ་ཐ་སྙད་ཀྱི་རབ་ཁར་བརྒྱུས་ཆོག་གམ།

ཐག་ཉེ་ཡི་མི་དང་ཐག་རིང་གི་མི་ལགས།

                                      2017-1-24ཉིན

上一篇 下一篇

猜你喜欢

热点阅读