བརྩེ་དུང

2017-12-31  本文已影响0人  骑着狼赶羊

ཁྱེད་ནི་དྲ་ཞིག་སྟེ།

ཁྱེད་ཀྱིས་བཟུང་བའི་མི་ནི་ཕྱིར་ཐར་བ་ཧ་ཅང་དཀོན

ཁྱེད་ནི་སྡོམ་རྒྱ་ཞིག་སྟེ།

གཞོན་ནུ་འབུ་སྲིན་དག་དེར་ལྷུང་ཚེ།

ཁྱེད་ཀྱི་ཁ་ཟས་ལས་མ་མཆིས།

དེ་རིང་ང་རང་རྒྱ་དེར་ལྷུང་ཟིན།

ནུས་ཤུགས་ཡོད་དགུས་རྐང་ལག་རྣམས་གཡུགས་གཞིན།

རྒྱ་ལས་ཐར་བའི་རེ་བ་བྱེད་བཞིན་མཆིས།འོན་ཀྱང་།

ཡོད་ཚད་ནི་སྟོང་བ་ཤ་སྟག

འདམ་དུ་ཟུག་པའི་མི་བཞིན།

ཇི་ལྟར་འཕག་ན་དེ་ལྟར་ནུབ་པ་ལས་ཅི་ཡང་མ་མཆིས།

དུས་ཚོད་ཀྱི་ཆུ་རྒྱུན་དུ།

རྒྱལ་རབས་དུ་མ་ཞིག་ཁྱེད་ཀྱི་ཁ་ཟས་སུ་གྱུར་བ་གསལ་བོ་མངོན།

སློབ་གྲ་ཡི་ར་བའི་ནང་།

ཁྱེད་ཀྱིས་སློབ་མ་ཡི་སློབ་སྦྱོང་གི་དགའ་ཕྱོགས་འཕྲོག་པ་ནི་རྒྱུན་ལྡན་གྱུར།

གཡུལ་ས་ནས།

དཔའ་བོ་དུ་མ་ཁྱེད་ཀྱི་ཆེད་དུ་རྒྱལ་ཁ་ཐོབ་པ་ཡང་མངོན།

ཅི་འདྲའི་དངོས་པོ་ཡ་མཚན་ཞིག

རྒྱལ་ཁ་དང་ཕམ་ཁ་ཡོད་ཚདཁྱོད་ཡིན་པའང་སྣང་།

ཁྱེད་མེད་ན།

ད་འཇིག་རྟེན་འདི་ཅི་ཞིག་ཡོད་སྲིད།

བརྩེ་དུང
上一篇 下一篇

猜你喜欢

热点阅读