2018-06-23
མེ་ཏོགརྩེད་རའི་ཚོགས་མི་ལྷན་རྒྱས་དང་འགྲན་ཞུགས་པ་རྣམ་པར་ཞུ་དོན།
<<ཕ་སྐད་ཤེས་བྱའི་འགྲན་སྡུར་>>གྱི་སྔོན་སོང་གསལ་བརྡའི་ནང་འགྲན་ཞུགས་པ་ཉི་ཤུ་ཡོད་པར་དཔག་སྟེ་བྱ་དགའི་ཨང་རིམ། ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་ལྔ་བཅས་སུ་གཏན་འཁེལ་བྱས་ཡོད་ནའང་། འགྲན་སྡུར་དངོས་གཞིའི་སྐབས་འགྲན་ཞུགས་པ་བཅུ་བཞི་ལས་ཞུགས་མེད་སྟབས། དྲི་ལན་ཐེབས་མཁན་གྱི་མང་ཉུང་བཅས་ལ་གཞིགས་ཏེ་བྱ་དགའི་ཨང་རིམ། ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཅིག ཨང་གསུམ་པ་གཅིག ཕུལ་བྱུང་བདུན་བཅས་སུ་གཏན་འབེབས་ཀྱི་འགྱུར་བ་གཏོང་དགོས་བྱུང་།
བསྐྱར་འགྲན།
འགྲན་སྡུར་དངོས་གཞིའི་སྐབས་དྲི་བ་གཉིས་ལ་ལན་ཐེབས་མཁན་འགྲན་ཞུགས་པ་གསུམ་དང་། དྲི་བ་གཅིག་ལ་ལན་ཐེབས་མཁན་འགྲན་ཞུགས་པ་བདུན་ཡོད་པས། ཨང་དང་པོ་དང། ཨང་གཉིས་པ། ཨང་གསུམ་པ་བཅས་ཀྱི་ཨང་རིམ། དྲི་བ་གཉིས་ལ་ལན་ཐེབས་མཁན་འགྲན་ཞུགས་པ་གསུམ་ལ་དྲི་བའི་ལམ་ནས་བསྐྱར་འགྲན་གྱིས་བཀར་རྒྱུ་ཡིན།
འགྲན་སྡུར་དུས་ཚོད་དེ་རིང་ཏེ། སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༦ ཚེས་ ༢༣ རེས་གཟའ་སྤེན་པའི་དགོང་མོའི་དུས་ཚོད་དགུ་དང་ཕྱེད་ཀའི་ {༩:༣༠ } སྟེང་ཡིན་པས་དེ་དོན་ཐུགས་འཇགས་འཚལ།
སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༦ ཚེས་ ༢༣ ཉིན། <<ཕ་སྐད་ཤེས་བྱའི་འགྲན་སྡུར་>>གྱི་གོ་སྒྲིག་ཚོགས་ཆུང་ནས།
上一篇下一篇